通知公告

关于召开第八届纪念宗喀巴大师学术讨论会的通知(The 8th CSJ)

༄༅། ། རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་བརྒྱད་པ་རིག་པའི་མཆོད་སྤྲིན།


       ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གིས་གཙོ་སྒྲུབ་དང་། བོད་རིག་པ་ཞིབ་འཇུག་གླིང་གི་ཞིབ་འཇུག་སློབ་མའི་ཚོགས་པས་རྩ་འཛུགས་བགྱིས་པའི་རྗེ་ཙོང་ཁ་པ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་བརྒྱད་པ་བོད་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན(སྤྱི་ཟླ12པའི་ཚེས12)འཚོག་གཏན་འཁེལ།

       རྗེ་ཙོང་ཁ་པས་སྐུ་ཚེ་ཧྲིལ་བོར་ནང་བའི་ཆོས་ཀྱི་མཚན་ཉིད་དང་ལྟ་གྲུབ་སོགས་ཀྱིས་གཙོས་པའི། བོད་ཀྱི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ལ་མཛད་རྗེས་བླ་མེད་བཞག་ཅིང་། ཁོང་ནི་གྲུབ་མཐའི་ཕྱོགས་ཞེན་གྱི་བསམ་བློ་རིང་དུ་སྤངས་པའི་སྐྱེས་བུ་དམ་པ་ཞིག་ཡིན་པས། རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་གཙོས་རིགས་སོ་སོའི་མཁས་པ་རྣམས་ཀྱིས་ཁོང་གི་བརྩམས་ཆོས་ལ་ཞིབ་འཇུག་དང་མཛད་བཟང་ལ་ཡི་རང་བྱས་དང་བྱེད་བཞིན་ཡོད། དེ་བས་ངེད་བོད་རིག་པ་ཞིབ་འཇུག་གླིང་ནས་ཀྱང་སྔར་སྲོལ་བཞིན་རིག་གཞུང་བགྲོ་གླེང་གི་རྣམ་པས་དམ་པ་གང་དེས་མཚོན་པའི་ཕྱི་རབས་ལ་མཛད་རྗེས་ཆེ་བའི་བོད་ཀྱི་མཁས་པ་རྣམས་ལ་རྗེས་དྲན་གྱི་མཆོད་པ་ཤེས་རིག་གི་ཁ་བཏགས་གཙང་མའི་ཚུལ་གྱིས་འབུལ་བ་འདི་ཉིད་ལགས།

      ཐེངས་འདིའི་བྱ་འགུལ་ལ་རིག་ཚན་མི་འདྲ་བའི་དཔྱད་རྩོམ་ལེགས་གྲས་བཞི་བདམས་ཡོད་པ་མ་ཟད། འབྲེལ་ཡོད་ཀྱི་སྙན་ངག་གྱེར་འདོན་ཞིག་ཀྱང་བཀོད་སྒྲིག་བྱས་ཡོད། ཐེངས་འདིའི་རིག་གཞུང་བགྲོ་གླེང་གི་རྣམ་པ་རྒྱ་ཆེ་ལ་ནང་དོན་ཕུན་སུམ་ཚོགས་པས། བོད་ཀྱི་རིག་གནས་ལ་སྤྲོ་བ་ཡོད་པའི་ཕྱོགས་སོ་སོའི་དད་བརྩོན་སློབ་གཉེར་ཅན་རྣམས་དུས་ལྟར་ཕེབས་པར་དགའ་བསུ་ཞུ།།

 

 བོད་རིག་པ་ཞིབ་འཇུག་གླིང་གི་ཞིབ་འཇུག་སློབ་མའི་ཚོགས་པ།

༢༠༡༧ལོའི་ཟླ༡༢པའི་ཚེས༩ཉིན།

 中央民族大学藏学研究院第八届纪念宗喀巴大师学术讨论会 

由中央民族大学藏学研究院主办、藏学研究院研究生会承办的第八届纪念宗喀巴大师学术讨论会将于藏历10月25日(公历2016年12月12日)在中央民族大学文华楼西区二层报告厅举行。          

       为更好地传承和弘扬藏族优秀传统文化,中央民族大学藏学研究院举办“纪念宗喀巴大师”研究生学术讨论会,研究、继承、弘扬宗喀巴大师高深著述和深邃思想。活动将邀请资深导师评议前期精选出的4篇研究生优秀论文,主题涉及藏族宗教、历史等不同学科领域。学术氛围浓厚,活动内容丰富,热烈欢迎广大师生参会。

                                  

中央民族大学藏学研究院研究生会

2017年12月9日

学校地址:北京市海淀区中关村南大街27号 邮编:100081 Copyright©中央民族大学藏学研究院 All Rights Reserved